Khata Karpo-Tibetཁ་བཏགས་དཀར་པོ་བོད་ཀྱི་རིག་གཞུང་ལྟེ་གནས་གསར་འཛུགས་ལས་གཞི། Khata Karpo-Tibet

སྤྱི་ཡོངས་ཀྱི་རོགས་རམ།

ཧྥ་རན་སིའི་སྐད་ཡིག་སྦྱོང་བ།

ང་ཚོའི་གྲུབ་འབྲས། :

ཕྱི་ལོ༢༠༡༧ནས་བཟུང་ངེད་ཚོགས་པའི་དང་བླངས་པ་གཉིས་ཀྱིས་བདུན་ཕྲག་རེ་ལ་ཐེངས་རེ་ཧྥ་རན་སིའི་སྐད་ཡིག་གི་རྨང་གཞི་དང་མཚམས་སྦྱོར་འཛིན་གྲྭ་སློབ་ཁྲིད་གནང་ཡོད། .

མ་འོངས་པའི་ལས་གཞི། : 

པཱ་རི་སིའི་ཉེ་འཁོར་ལ་གནས་པའི་བོད་མི་རྒན་དར་གཞོན་གསུམ་གྱི་ཆེད་དུ་ཧྥ་རན་སིའི་སྐད་ཡིག་སློབ་ཁྲིད་བྱ་འཆར་ཡོད། དེ་ཡང་སློབ་ཚན་ནི་ཧྥ་སིའི་སྐད་ཡིག་ཕྱི་སྐད་ཅེས་པའི་སློབ་གཞི་གཞི་བཟུང་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་། ང་ཚོའི་དམིགས་ཡུལ་ནི་སློབ་མ་ཚོར་(DILF, DELF (A1 à B2) et  DALF (C1 et C2) བཅས་ཀྱི་ཤེས་ཚད་ལག་འཁྱེར་ཐོབ་ཆེད་ཡིན།

རྨང་གཞིའི་སློབ་མ་རྣམས་ལ་བོད་ཡིག་རྒྱུད་ནས་ཧྥ་སྐད་སྦྱོང་ཐབས་ཀྱི་ཀློག་དེབ་ཅིག་རྒྱུད་ནས་སློབ་ཁྲིད་བྱ་རྒྱུ་ཡིན་པ་དང་།

ཀློག་དེབ་དེ་བཞིན་ཨི་ནལ་ཀོ་སློབ་ཆེན་གྱི་དགེ་རྒན་དང་ངེད་ཚོགས་པའི་དྲུང་ཡིག་གཞོན་པ་ཉི་མ་རྡོ་རྗེ་ལགས་ཀྱི་ཆེད་དུ་ཕྱོགས་སྒྲིགས་གནང་བ་ཞིག་ཡིན་པ་དང་། དེའི་ནང་ཧྥ་ཡིག་གི་གཞི་རྩའི་བརྡ་སྤྲོད་ཁག་བོད་ཡིག་གི་ཐོག་ནས་འགྲེལ་བརྗོད་བྱས་ཡོད།

བོད་ཀྱི་རིག་གཞུང་བརྒྱུད་སྤྲོད་དང་མཉམ་སྤྱོད་བྱ་ཡུལ་སྐྲུན་རྒྱུ།

བོད་ཀྱི་སྐད་ཡིག

ང་ཚོའི་གྲུབ་འབྲས། :

ཕྱི་ལོ་༢༠༡༧ནས་བཟུང་ཁ་བཏགས་དཀར་པོས་དང་བླངས་ངང་བདུན་ཕྲག་རེར་བོད་ཀྱི་སྐད་ཡིག་འཛིན་གྲྭ་ཁག་གཉིས་ཏེ་རྨང་གཞི་དང་མཚམས་སྦྱོར་འཛིན་གྲྭ་གོ་སྒྲིག་ཞུས་ཡོད། དེ་ནི་བོད་མི་ན་ཚོད་སྨིན་པ་ཚོ་དང་ཧྥ་རན་སིའི་མི་ཚོའི་ཆེད་དུ་ལགས།

མ་འོངས་ལས་འཆར། :

བོད་པའི་ཕྲུ་གུ་ལོ་༥ནས་ལོ་༡༢བར་དུ་ཡིན་པ་རྣམས་ལ་བོད་ཡིག་འཛིན་གྲྭ་གྲ་སྒྲིག་བྱ་རྒྱུ་དང་། བྱིས་པའི་བོད་ཡིག་ཀློག་དེབ་རྣམས་ཁྱིམ་བདག་རྣམས་ལ་མཁོ་སྤྲོད་བྱ་རྒྱུ་ཡིན། 

ཧྥ་རན་སིར་གནས་པའི་བོད་ཀྱི་སྤྱི་ཚོགས་ནང་ཁུལ་དབར་ལ་བསམ་ཚུལ་བརྗེ་ལེན་དང་བྱེད་སྒོ་སྤེལ་བ།

Image

Search