ཧྥ་ཡིག་སྦྱོང་རྒྱུ་ནི་ཧྥ་རན་སིར་འཚོ་བ་སྲ་བརྟན་ཞིག་སྐྱེལ་ཆེད་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། ཧྥ་ཡིག་དང་བོད་ཡིག་སློབ་ཁྲིད་བྱ་རྒྱུ་ནི་ངེད་ཚོགས་པས་སྤེལ་རྒྱུའི་བྱེད་སྒོ་གཙོ་གྲས་ཤིག་ཡིན། 

ཧྥ་སྐད་འཛིན་གྲྭ་དྲ་ལམ་ZOOM and Jitsi Meet བརྒྱུད་ནས་སམ་དངོས་སུ་འཛིན་གྲྭ་ལ་ཕེབས་ནས་སློབ་འཁྲིད་བྱེད་མཁན་རྣམས་དྭང་བླངས་པ་ཡིན།

འཛིན་གྲྭ་རྣམས་རིན་མེད་ཡིན།

གལ་སྲིད་ཁྱེད་རང་འཛིན་གྲྭ་ཐེངས་གཉིས་པ་ནས་མུ་མཐུད་འདོད་ཡོད་ན་ལོ་རེར་ཚོགས་དངུལ་ཡུ་སྒོར་ལྔ་སྤྲོད་དགོས།

ཁ་བཏགས་དཀར་པོའི་ཚོགས་པའི་ངོས་ནས་བོད་ཡིག་ནང་རྩོམ་འབྲིའི་གནས་ཚད་ཡར་རྒྱས་གཏོང་འདོད་ཡོད་མཁན་གྱི་བོད་རིགས་ཚོར་དམིགས་ནས་དྲ་ཐོག་གི་འཛིན་གྲྭ་ཞིག་གོ་སྒྲིག་ཞུས་ཡོད།

རྩོམ་འབྲིའི་འཛིན་གྲྭ་དེ་སློབ་འཁྲིད་གནང་མཁན་ནི་ང་ཚོའི་ཚོགས་པའི་ཚོགས་གཞོན་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དྭང་བླང་ཐོག་ནས་གནང་གི་ཡོད།

འཛིན་གྲྭ་རྣམས་རིན་མེད་ཡིན། ཡིན་ནའང་གལ་སྲིད་ཁྱེད་རང་འཛིན་གྲྭ་ཐེངས་གཉིས་པ་ནས་མུ་མཐུད་འདོད་ཡོད་ན་ལོ་གཅིག་ལ་ཚོགས་ཞུགས་ཡུ་སྒོར་༥ཞིག་སྤྲད་དགོས།

KHATAKARPO Cours tibetain francophonejpegཁ་བཏགས་དཀར་པོའི་ཚོགས་པའི་ངོས་ནས་ཧྥ་རན་སིའི་མི་རིགས་བོད་སྐད་དང་བོད་ཡིག་ལ་ཐུགས་སྣང་ཡོད་མཁན་ཚོའི་ཆེད་དུ་གནས་རིམ་གོང་འོག་ཁག་མི་འདྲ་བ་གཉིས་ཀྱི་ཐོག་དྲ་ལམ་གྱི་འཛིན་གྲྭ་ཞིག་དང་  INALCOལ་འཛིན་གྲྭ་ཞིག་གོ་སྒྲིག་ཞུས་ཡོད།

བོད་གཞས་ཀྱི་འཛིན་གྲྭ།

INALCOམཐོ་སློབ་ལ་རེས་གཟའ་མིག་དམར་གྱི་ཆུ་ཚོད་༦པ་ནས་༧པ་བར་དུ་ཚོགས་རྒྱུའི་བོད་སྐད་ཀྱི་རྨང་གཞིའི་འཛིན་གྲྭ་དེ་གྲོལ་པའི་རྗེས་སུ་ཆུ་ཚོད་༧དང་སྐར་མ་༤༥བར་དུ་སྲོལ་རྒྱུན་གྱི་གླུ་གཞས་གཏོང་སྟངས་ཀྱི་འཛིན་གྲྭ་ཞིག་ཡོད།

 

ཚོགས་ཞུགས་ཀྱི་དངུལ་གྱི་ཐོག་ཏུ་ཚོགས་ཐེངས་བཞི་ཅན་གྱི་ཟླ་རེའི་སློབ་ཡོན་ལ་ཡུ་སྒོར་༢༠རེ་གནང་དགོས།

རྒྱལ་ཡོངས་སློབ་གྲྭའི་གུང་སེང་སྐབས་སུ་INALCOམཐོ་སློབ་ལ་ཚོགས་རྒྱུའི་འཛིན་གྲྭ་རྣམས་མེད། 

Search